top of page

པདྨ་མེ་ཏོག་གི་དགའ་མཛུམ༑

བུ་ངེ་སྙིད་ལམ་ནང་ལུ་ཡང།། ཨ་རྟག་ཁྱོད་ར་མཐོང་མས་སྨོ།། བུ་ངེ་སེམས་ཁར་ལུ་ཡང།། སྟན་སྐྱང་ཁྱོད་ར་འདྲེན་མས་སྨོ།། ད་ལོག་འོང་གནང་མས།། ད་ལོག་འོང་གནང་མས།། ད་ལོག་འོང་གནང་མས།། ལོག་གནང་མས།།

བུམོ་ཁྱོད་སེམས་ལས་འབྱེད་ནི་དོན་ལས་ང།། ལཱ་ངན་སྨྱོ་རྫོས་ལག་ལེན་འཐབ་ཅི་ང།། ཁྱོད་དགའ་བའི་དགའ་མཛུམ་ཚར་རེ་དྲེནམ་ད་ལུ།། བུམོ་ཁྱོད་སེམས་ལས་འབྱེད་ར་མི་ཚུགས་བས།།

བུམོ་ཁྱོད་ཐོངམ་ད་བུ་ངེ་གདུང་ཧིང་སྦུག་ལས་སྒག་ནི་མས།། བུམོ་ཁྱོད་དྲེནམ་ད་བུ་ངེ་གདུང་ཧིང་སྦུག་ལས་སྒག་ནི་མས།།

རང་དགའ་བའི་བུ་མོ་གཞན་དང་ཕྱག་འདི།། འགྱོ་ས་ཐོངམ་ད་ཁྱོད་དགའ་སྡོད་ནུག། ཡར་སྒང་ལུ་ཉིམ་ཤར་དོ་བཟུམ།། པདྨ་མེ་ཏོག་གི་དགའ་མཛུམ།། དགའ་མཛུམ་ལྷ་ཡི་སྲས་མོ་བཟུམ།། སྟེང་ལྷའི་གཡུས་ལས་འབྱོན་བྱོནམ་བཟུམ།། བུ་ངེ་སྨོན་ལམ་ཟེར་རུང་དཀོན་མཆོག་གསུམ།། པདྨ་མེ་ཏོག་གི་དགའ་མཛུམ།།

བུ་ངེ་སྙིད་ལམ་ནང་ལུ་འཐོང་མས་ཁྱོད།། སྙིད་ལམ་རྫོགས་ནི་མེད་རུང་དགའ་བས་ང།། དྲོ་པ་ལོང་རུང་དངོས་སུ་རྩ་ལས་མེད།། ཕྱེད་དགོ་མནོ་རུང་འཐོང་ས་མིན་དུ་སྨོ།།

བུམོ་ཁྱོད་ཐོངམ་ད་བུ་ངེ་གདུང་ཧིང་སྦུག་ལས་སྒག་ནི་མས།། བུམོ་ཁྱོད་དྲེནམ་ད་བུ་ངེ་གདུང་ཧིང་སྦུག་ལས་སྒག་ནི་མས།།

བུམོ་ཁྱོད་ལུ་དགའ་བའི་བུ་ངེ་སེམས་འདི།། འཛམ་གླིང་འདི་ནང་འཁོར་བ་འཆམ་མབཅུག། བཀྲ་ཤིས་བརྩེ་ལུ་ ཉིམ་ཤར་དོ་བཟུམ།། པདྨ་མེ་ཏོག་གི་དགའ་མཛུམ།། དགའ་མཛུམ་ལྷ་ཡི་སྲས་མོ་བཟུམ།། སྟེང་ལྷའི་གཡུས་ལས་འབྱོན་བྱོནམ་བཟུམ།། བུ་ངེ་སྨོན་ལམ་ཟེར་རུང་དཀོན་མཆོག་གསུམ།། པདྨ་མེ་ཏོག་གི་དགའ་མཛུམ།། བུ་ངེ་སྨོན་ལམ་ཟེར་རུང་དཀོན་མཆོག་གསུམ།། པདྨ་མེ་ཏོག་གི་དགའ་མཛུམ།། བུ་ངེ་སྨོན་ལམ་ཟེར་རུང་དཀོན་མཆོག་གསུམ།། པདྨ་མེ་ཏོག་གི་དགའ་མཛུམ།།


bottom of page